作词 : 道瑞作曲 : 华尔贡བདེ་ལྡན་ཞིང་གི་སྨོན་འདུན།ཚིག རྡོ་རེད།དབྱངས། དཔལ་མགོན།གཞས་མ། ཧོར་གཙང་ལྷ་ལུང་འཚོ།རྫ་ཁྲ་ཁྲའི་ཁ་རུ་སྨིག་པས་གཡོག།རྩྭ་རྩི་ཐོག་ཟིལ་བ་ཁྲོམ་སེ་ཡག།ཁའི་སྨུག་སྤྲིན་བར་ན་འབྲོང་མོ་སྐྱིད།།ཁའི་སྨུག་སྤྲིན་བར་ན་འབྲོང་མོ་ཁྱོད།།ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།རྫ་ཁྲ་ཁྲའི་རྫ་སྐེད་ནགས་ཀྱིས་གཡོག།ཤིང་ལོ་མའི་སྙེ་མ་ཁྲོམ་སེ་ཡག།ནགས་རྒྱ་རྫོང་དཀྱིལ་ན་སྟག་མོ་སྐྱིད།།ནགས་རྒྱ་རྫོང་དཀྱིལ་གྱི་སྟག་མོ་ཁྱེད།།ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།ཁང་ཀ་བཞི་གདུང་བརྒྱད་གཡང་གིས་ཁེངས།།ཁྱིམ་གཟའ་ཚང་སྐྱིད་ལ་རོལ་སྲོལ་ཡག།གནས་གཡང་ཁྱིམ་དཀྱིལ་ན་བདག་མོ་སྐྱིད།།གནས་གཡང་ཁྱིམ་ཚང་གི་བདག་མོ་ཁྱོད།།ངས་ཡང་ཡང་སྐྱིད་གི་སྨོན་ལམ་འདེབས།།